2021年12月1日 星期三

持明即述藏文 20211111 仁增塔欽 藏傳


ས་ལ་སྨག་གིས་ཁྱབ་པར་གློག་འདྲ་ཤར་བའི་དོ་ནུབ་མཚན་ལྗོངས་ལ་ཁར་ཁ་རས་ཀྱིས་གཡོག གྱོན་པ་ཅི་མང་གྱོན་ནས་ལམ་ལ་ཆས། རྐུབ་སྟེགས་ཞིག་མཐོང་དེ་ན་ཟིང་འཇགས་ཀྱི་རེ་བ་དང་ཉི་འོད་ལ་དགའ་བའི་རྒས་དར་བྱིས་གསུམ་ཞིག་ཡོད་འདུག དགའ་ཏེ་སེམས་འཕར་མིག་གིས་ལམ་ལ་མ་བལྟས་ནས་ལག་པ་བརྐྱང་ནས་ཁོང་གསུམ་དང་སྐད་ཆ་བཤད་སར་སོང་། དེའི་འགྲམ་ལ་སླེབས་དུས་གྲངས་བསིལ་བསིལ་གྱི་ལམ་འགྲམ་དེའི་རྐུབ་སྟེགས་དེ་ལས་གཞན་ཅི་ཡང་མ་མཐོང་པས་འདུས་བྱས་ཀྱི་ཁྱིམ་མི་མི་རྟག་པས་བཤིགས་སོང་བ་དེ་ཐོལ་གྱིས་ཤར་ནས་སྐྱོ་བྱུང་། རླུང་བསིལ་དང་། ནད་ངན། འབྱུང་འཁྲུགས་དང་ཁ་བྲལ་སོགས་སྡུག་བདེན་གྱི་ཚུལ་རེད་ཞེས་རང་གིས་རང་ལ་ཁེར་ལབ་བྱས་ནས་བླ་མ་མཁྱེན་ཞེས་ཡིད་ནས་ཤར་ཤར་ཤར།


持明仁增塔欽

2021年11月11日

🌈 持明 仁增塔欽  https://chihming8.blogspot.com/ 

沒有留言:

張貼留言

《入雄心菩薩行論》第五品 護正知 不關門的布施

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། 《入雄心菩薩行論》 第五品 護正知 持明仁增塔欽仁波切新譯闡述 འཇིགས་དང་དགའ་སྟོན་སོགས་འབྲེལ་བར།། 怖畏喜慶相連時 ...